༸ དུས་འཁོར་སྲོལ་རྒྱུན་ལོ་ཐོ།KALACHAKRA CALENDAR
བོད་རྒྱལ་ལོ། ༢༡༥༣
ཤིང་ཕོ་འབྲུག་ལོ།2026
མེ་ཕོ་རྟ་ལོ།
དེ་རིང་གི་ཚེས་གྲངས།
ལྷག་པ། བོད་ཟླ་ ༨ ཚེས་ ༥
Wed 16-09-2026
ཚེས་ཁོངས། ལྷག་པ། ༥ ས་ག མེ་ཆུ། འཁོན་འཛིན། གཉེན། ཚེས་ཁོངས།
གཟའ། ལྷག་པ་གནོད་སྦྱིན་མ་ནིང་དང་། །རྒྱལ་བུའི་བླ་གཟའ་དམངས་རིགས་ཏེ། །ཞི་བ་སྔོ་ལྗང་ཆུ་ཡི་ཁམས། །དབང་བསྐུར་རབ་གནས་བསྟན་བཅོས་རྩོམ། །སྒྲ་སྙན་ཡིག་རྩིས་ཆོས་འཆད་ཉན།། སྔགས་བཟླ་རིན་ཆེན་ས་ཆུའི་ལས། །བསྡུམ་བྱ་འབྲེལ་སྟེག་ཁྱིམ་གསར་འཛིན། །མཁར་ལས་ལྷ་ཁང་རྟེན་བཞེངས་པ། །རྫིང་ཡུར་ཁྲོན་འདྲུ་བང་མཛོད་འཛིན། །སྐྲ་འཁྲུ་རྒྱན་འདོགས་གོས་དྲ་གྱོན། །གཡང་བསླན་བྲན་བསྟེན་གཉེན་སྒྲིག་ཚོང་། །ས་ཁ་འབྲུ་འདེབས་སྐྱེ་ཤིང་འཛུགས། །མེ་ཏོག་ལས་དང་འཕོ་སྐྱས་བཟོ། །ཡོན་འབུལ་ཕྱུགས་འདུལ་གཏར་སྲེག་བྱ།། རྟ་དྲེལ་སྒ་རྒྱག་གསོན་ལས་ཤིད། །མོ་རྩིས་རྒྱལ་བུའི་ཁྲུས་ཚུར་ལེན། །རང་དོན་སྒྲུབ་དང་དཀར་ཕྱོགས་དགེ། །ཞི་དང་རྒྱས་པའི་ལས་རྣམས་བཟང་། །དཀར་པོའི་སྟོད་དང་ནག་པོའི་སྨད། །ལྷོ་བགྲོད་ཉིན་མཚན་གཉིས་ཀ་དང༌། །མྱུར་འགྲོས་དར་དུས་འཁྲིག་བུ་མོའི།། ཁྱིམ་དུ་སླེབས་ཚེ་སྟོབས་ཆེ་ཞིང་། །ཁྱད་པར་རྒྱས་པའི་ལས་ལ་བསྔགས། །རབ་བྱུང་ཕྱིར་གཏོང་དུར་གདབ་པ། །བག་མ་ཐབ་བཅའ་ཆང་བཙོ་མདོས། །ཆུ་རགས་སྨན་སྦྱོར་རྐུན་ཇག་དམག །རྩོད་དང་ཞལ་ཆེ་བཟློག་པ་བྱེད། །དྲག་པོའི་ལས་རྣམས་ངན་པས་སྤང༌།། ཚེས། ཚེས་ལྔ་རབ་བྱུང་དཀྱིལ་འཁོར་འདྲི། །སྐྲ་འཁྲུ་ལམ་ཞུགས༌བྲན་གཡོག་བསྟེན། །ནོར་ཕྱུགས་ཉོ་དང་ཞི་ལས་བཟང་། །གཤིན་གྱི་ལས་དང་བག་མ་ངན།། སྐར་མ། ས་ག་གྲུབ་སྐར་མེ་ཡི་ཁམས། །བཏང་སྙོམས་ཅན་ཏེ་ཞིང་གི་བླར། །དཀྱིལ་འཁོར་འདྲི་སྒྲུབ་དབང་རབ་བྱུང་། །སྦྱིན་སྲེག་འཆད་ཉན་གཉེན་སྦྱོར་བ། །བག་མ་ལེན་དང་བུ་ལོན་འཇལ། །བཟོ་དང་ཁྱིམ་གསར་བང་མཛོད་འཛིན། །དྲ་གྱོན་སྲི་མནོན་རྟ་ཕྱུགས་འདུལ། །ས་ཁ་ས་བོན་ཞིང་གི་ལས། །ཆུ་རགས་སྐྲ་སེན་འདྲེག་དགྲ་འདུལ། །དྲག་ལས་ཁྱད་པར་དབང་ལས་བཟང་། །ས་ཞིང་ཡུལ་མཁར་ཕྱིར་གཏོང་དང༌། །མཁར་ལས་ཁྱིམ་འབུབས་བང་མཛོད་དབྱེ། །ཤིད་དང་དུར་འདེབས་མགྲོན་འགྲོ་ལམ། །ལྟ་གཡང་ཞུ་གསོལ་ལྷ་རྟེན་བཞེངས། །རྒྱལ་ས་སྨན་སྦྱོར་འབྲུ་འཇལ་སྐྱས། །ཁ་མཆུ་སྐྲ་འཁྲུ་སྟོན་མོ་བསྡུམས། །མོ་རྩིས་མེ་ཏོག་ཤིང་འཛུགས་པ། །ཞི་དང་རྒྱས་པའི་ལས་རྣམས་ངན།། འབྱུང་འཕྲོད། མེ་ཆུ་འཕྲད་པ་འཆི་བའི་སྦྱོར། །འཆི་བའི་སྦྱོར་བས་སྲོག་འཕྲོག་བྱེད། །ཕ་རོལ་གསོད་དང་དུག་སྦྱོར་དང་། །མཐུ་གཏད་ལ་སོགས་རིག་པས་བསྒྲུབ། སྦྱོར་བ། ཁོན་འཛིན་བུད་མེད་མཛའ་དང་འབྲལ། གནམ་སྒོ། གཉེན་གྱི་གནམ་སྒོར་གཉེན་བྱས་འགྲས། །སྟོན་མོ་བྱས་ན་སྟོར་བརླག་ཡོང་།།  
- - -